TED Talks with Tibetan transcript

Steven Addis: ཕ་སྤད་གཉིས་སྦྲེལ་བྱེད་ཀྱི་འདྲ་པར་དེ་ཚོ།

TED2012

Steven Addis: ཕ་སྤད་གཉིས་སྦྲེལ་བྱེད་ཀྱི་འདྲ་པར་དེ་ཚོ།
1,553,695 views

ལོ་མང་པོ་ཞིག་ཡར་སྔོན་དུ། Steve Addisཡིས་གྲོང་ཁྱེར་ཉིག་ཡོག་བཞི་མདོ་ཞིག་ཏུ་ལོ་གཅིག་ལ་སོན་པའི་བུ་མོ་པང་དུ་བཟུང་ཞིང་། ཁོའི་ཆུང་མས་པར་ཞིག་བླངས། འདྲ་པར་འདིས་བུ་མོའི་ཨ་ཕར་སྐུལ་ལྕག་ཐེབས་ཤིང་རིམ་གྱིས་ལོ་རེར་དེར་ཡོང་རྒྱུའི་སྲོལ་ཀ་ཞིག་ཆགས། Addisཡིས་འདྲ་པར་རྩ་ཆེ་བ15མཉམ་སྤྱོད་གནང་སྟེ་དོན་ཆུང་འདི་ལས་སྙིང་པོ་ཆེན་ཞིག་གསལ་བོར་བསྟན་ཡོད།

Faith Jegede: ཁེར་རྐྱང་གི་ནད་ཕོག་པའི་མིང་པོ་གཉིས་ལས་ང་ཡིས་ཅི་ཞིག་ཤེས་སོང་།

TED@London

Faith Jegede: ཁེར་རྐྱང་གི་ནད་ཕོག་པའི་མིང་པོ་གཉིས་ལས་ང་ཡིས་ཅི་ཞིག་ཤེས་སོང་།
1,325,374 views

Faith Jegedeཡིས་ཁོ་མོའི་ཁེར་རྐྱང་གི་ནད་ཕོག་ཀྱང་ཁྱད་དུ་འཕགས་པའི་མིང་པོ་གཉིས་ནར་སོན་པའི་གཏམ་རྒྱུད་ཡར་ལ་སྐུལ་བྱེད་དང་སྐྱིད་པོ་དག་བཤད་ཡོད། TEDའཇོན་ཐང་འཚོལ་བའི་གཏམ་བཤད་འདི་རུ། མོས་འུ་ཅག་ལ་འཆར་ཅན་གྱི་ཕ་རོལ་ན་ཡོད་པའི་འཚོ་བ་ཞིག་འཚོལ་བར་བསྐུལ་ཡོད།

མ་ཨི་ཁལ་ཨེན་ཊིཿ་རྒྱ་ནག་གི་ཆ་འཕྲིན་ལྕགས་རིའི་ལྟག་རྒྱབ་ཏུ།

TEDGlobal 2012

མ་ཨི་ཁལ་ཨེན་ཊིཿ་རྒྱ་ནག་གི་ཆ་འཕྲིན་ལྕགས་རིའི་ལྟག་རྒྱབ་ཏུ།
1,648,457 views

མ་ཨི་ཁལ་ཨེན་ཊིཿ་ཁོང་གིས་ལོ་ངོ་༡༢་གྱི་རིང་ལ་རྒྱ་ནག་ནས་ཟིན་བྲིས་སྤེལ་ཡོད། ཁོང་གིས་བརྗོད་དོན་ལྟར་ན། རྒྱ་ནག་གི་དྲ་རྒྱ་སྟངས་འཛིན་གྱི་བདག་དབང་གཞུང་གི་ལག་ཏུ་ཡོད་ཀྱང་། མི་མང་ས་ཡ་མང་པོས་དྲ་ཞུགས་བྱས་ཏེ་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་དུ་བྱུང་མ་མྱོང་བའི་མི་མང་གི་གླེང་སྟེགས་ཤིག་བསྐྲུན་ཡོད་པ་དང་། དབང་ཚད་སྙོམས་སྒྲིག་གི་འགྱུར་བསམ་ཡུལ་ལས་འདས་བ་ཞིག་འགྲོ་གི་འདུག།

ཅེན་རྦེབ་ཕི་ཊིས་སི་ཊིས་མེ་ཁིལ།ལོ་རྒྱས་ཀྱི་གྲངས་རིག

TED2012

ཅེན་རྦེབ་ཕི་ཊིས་སི་ཊིས་མེ་ཁིལ།ལོ་རྒྱས་ཀྱི་གྲངས་རིག
1,279,350 views

གྲངས་རིག་གིས་ལོ་རྒྱུས་ཀྱི་སྐོར་ཅི་ཞིག་བཤད་ཐུབ་ཀྱི་རེད།ཊེ་ཌིའི་དམིགས་བསལ་སློབ་གཉེར་བ་ཅེན་ལ་མཚོན་ན་གྲངས་རིག་གིས་ལོ་རྒྱུས་སྐོར་མང་པོ་ཞིག་བརྗོད་ཐུབ་ཀྱི་འདུག།གྲངས་རིག་གིས་སྐད་ཡིག་གི་འགྱུར་ལྡོག་ནས།དམག་འཁྲུག་གི་དབར་གྱི་གནད་དོན་མང་དག་ཅིག་བཤད་ཐུབ་ཀྱི་ཡོད།ཨང་གྲངས་ཀྱིས་བསྟན་པའི་ལོ་རྒྱུས་ཀྱིས་ལོ་རྒྱུས་ཀྱི་གཏིང་རིམ་ཇི་ལྟར་ཕྱི་ལ་མངོན་གྱི་ཡོད་མེད་གསལ་བོར་བསྟན་ཡོད།

ཊན་ནོལ་ཐམ་མེ་ཐྲི། ཤེས་ཚོར་གྱི་ཐབས་ལམ་སྣ་ཚོགས།

TED2011

ཊན་ནོལ་ཐམ་མེ་ཐྲི། ཤེས་ཚོར་གྱི་ཐབས་ལམ་སྣ་ཚོགས།
2,246,769 views

ཊན་ནོལ་ལ"ཚོར་བ་བསྣོལ"བའི་ནུས་པ་ཁྱད་པར་ཅན་ཡོད་དེ། ཚོར་ཤེས་གཉིས་སམ་འགའ་རེ་བསྣོལ་ཐུབ། ཁོང་གིས་ཨང་ཀི་དང་ཁ་དོག་སོགས་རྒྱུ་མང་པོ་ལྷན་ཅིག་ཏུ་ཡིད་ལ་བྱེད་དེ། ཁོང་གི་ཀླད་པའི་ནང་ཨང་ཀི་དང་དུས་ཚེས་ཐམས་ཅད་ལའང་དབྱིབས་དང་ཁ་དོག་ཡོད། འཇིག་རྟེན་འདི་ཁྱོད་ཀྱིས་མཐོང་ཚོད་ལས་ཀྱང་ཕུན་སུམ་ཚོགས་པ། གྲ་རྒྱས་པ་ཞིག་ཡིན་པས། འོ་སྐོལ་ཚོས་མཐོང་སྣེ་འདྲ་མིན་ནས་འཇིག་རྟེན་ལ་ལྟ་བར་འོས་སོ། །

ཐྲེ་རི་མོར། ལྷམ་ཐིག་སྒྲོག་སྟངས།

TED2005

ཐྲེ་རི་མོར། ལྷམ་ཐིག་སྒྲོག་སྟངས།
7,612,252 views

ཐྲེ་རི་མོར་གྱིས་རང་གི་ཚེ་འདི་རུ་རྟག་པར་ལྷམ་ཐིག་སྒྲོག་སྟངས་ནོར་གྱིན་པ་ཧ་གོ་ཞིང་། TEDབསམ་བློའི་ཤན་ཤུགས་འོག ཁོ་རང་གར་སྟེགས་སུ་བུད་དེ་ཐབས་འདི་ག་མཉམ་སྤྱོད་གནང་།(མཆན། འདི་ནི་རིང་ཐུང་ལ་སྐར་མ3མ་གཏོགས་མེད་པའི་ལྟ་མཁན་གྱི་གཏམ་བཤད་ཅིག་སྟེ། 2005ལོའིTEDགཏམ་བཤད་ཁག་ལས་བྱུང)

ཨ་རེ་ཡེན་་ན་ཧོས་སྤེན་ཊོན། ཇི་ལྟར་ལམ་ལྷོངས་ཡོང་དགོས་ཞེ་ན། གཉིད་མང་པོ་ཁུག་དགོས།

TEDWomen 2010

ཨ་རེ་ཡེན་་ན་ཧོས་སྤེན་ཊོན། ཇི་ལྟར་ལམ་ལྷོངས་ཡོང་དགོས་ཞེ་ན། གཉིད་མང་པོ་ཁུག་དགོས།
5,209,500 views

གཏམ་བཤད་ཐུང་ཐུང་འདིའི་ནང་དུ་ཨ་རེ་ཡེན་་ན་ཧོས་སྤེན་ཊོན་ནས་བསམ་བློ་ཆུང་ཆུང་ཞིག་གིས་བསམ་བློ་ཆེན་པོ་དག་གི་སྒོ་མོ་འབྱེད་ཐུབ་པ་ནི་མཚན་མོར་གཉིད་ཡག་པོ་ཁུག་པའི་ནུས་པ་ཡིན། ཁོང་ནས་ང་ཚོས་གཉིད་ཀྱི་མ་འདང་བའི་གནས་སྟངས་དེར་འུད་ཤོབ་མ་བྱེད་པར། མིག་ཟུང་བཙུམས་ནས་གནས་སྟང་རྒྱ་ཆེ་བ་དེ་བལྟ་དགོས་པ་གསུངས། ང་ཚོ་རང་ཉིད་ཀྱིས་གཉིད་ཁུག་པའི་ཐོག་ནས་གྲུབ་འབྲས་དང་བདེ་སྐྱིད་འཕེལ་རྒྱས་བཏང་ཐུབ་ལ། དོན་ཕན་ལྡན་པའི་ཐག་གཅོད་ཀྱང་བྱེད་ཐུབ་གསུངས།

ཌེ་རིག སི་ཝརསེ། ཁྱད་མཚར་ཡིན་ནམ་མི་འདྲ་བ་ཞིག་ཡིན་ནམ།

TEDIndia 2009

ཌེ་རིག སི་ཝརསེ། ཁྱད་མཚར་ཡིན་ནམ་མི་འདྲ་བ་ཞིག་ཡིན་ནམ།
3,629,976 views

བཤད་སྲོལ་ཞིག་ལ། "ཐམས་བཅད་ལ་ལྡོག་ཕྱོགས་ཞིག་ཡོད།" སྐར་མ་༢ནང་ཌེ་རིག་སིཝརསེ་ནས་ཁྱེད་ཀྱི་བསམ་ཡུལ་ལ་མེད་སྲིད་པའི་ཕྱོགས་འགའ་ཞིག་ཐོག་དེ་ནི་བདེན་པ་ཡིན་པར་སྟོན།

༄༅། །དབང་པོ་ཨང་དྲུག་པའི་ལག་རྩལ་གྱི་ངོ་མཚར་ལྐོག་ནུས།  པྲཱནབ་མིསིཐྲི་ནས།

TEDIndia 2009

༄༅། །དབང་པོ་ཨང་དྲུག་པའི་ལག་རྩལ་གྱི་ངོ་མཚར་ལྐོག་ནུས། པྲཱནབ་མིསིཐྲི་ནས།
18,689,186 views

TEDIndia ནང་པྲཱནབ་མིསིཐྲི་ཡིས་དངོས་གཟུཊ་དང་གཞི་གྲངས་འཇིག་རྟེན་འབྲེལ་རེས་ཐུབ་པའི་ཡོ་བྱད་འགའ་དཔེ་སྟོན་བྱས་ཡོད། འདིའི་ནང་ཁོའི་དབང་པོ་ཨང་དྲུག་པའི་སྒྲིག་ཆས་ལ་ཟབ་དཔྱད་དང་འདི་བཞིན་དུས་རབས་ལས་འདས་པའི་ཤོག་བུའི་རྩིས་འཁོར་སོཊ་ཚུད་ཡོད། ལྡིངས་ཆའི་ཐོག་གི་དྲི་ལན་ནང་མིསིཐྲི་ཡི་ཤོད་སྲོལ་ལྟར་ཁོས་དབང་པོ་ཨང་དྲུག་པའི་རྒྱབ་ཁོངས་ཀྱི་མཉེན་ཆས་ཁུངས་འགྲོལ་བྱེད་ནས་འབྱུང་སྲིད་པ་ཡོངས་རྣམ་པ་ཀུན་ཏུ་ཁྱབ་པར་མཆིས་སོ། །

ཆེ་མ་མན་ད་ཨེ་ཊིས་ཆེ།     གཏམ་རྒྱུད་ངོས་གཅིག་མ་ཞིག་གི་ཉེན་ཁ།

TEDGlobal 2009

ཆེ་མ་མན་ད་ཨེ་ཊིས་ཆེ། གཏམ་རྒྱུད་ངོས་གཅིག་མ་ཞིག་གི་ཉེན་ཁ།
21,248,547 views

ང་ཚོའི་མི་ཚེ་དང་། ལེགས་བྱང་ཡོད་ཚད་ནི་སྒྲུང་གཏམ་འདྲ་མིན་གྱིས་གྲུབ་པ་ཞིག་རེད། སྒྲུང་རིང་རྩོམ་པ་པོ་ཆེ་མ་མན་ད་ཨེ་ཊིས་ཆེ་ཡིས་ཁོ་མོའི་རང་ཉིད་ཀྱི་ངོ་མཚར་ཆེ་བའི་ལེགས་བྱང་ཇི་ལྟར་གསར་རྙེད་བྱུང་པ་དང་། གལ་སྲིད་ང་ཚོས་མི་དང་རྒྱལ་ཁབ་གཞན་པ་ཞིག་གི་སྐོར་གྱི་གཏམ་རྒྱུད་ངོས་གཅིག་མ་ཞིག་ལས་གོ་མེད་ན། གོ་ནོར་ཐེབས་སྲིད་པའི་ཉེན་བརྡ་བཏང་འདུག།

མེ་ཤལ་ཨོ་བྷ་མས་ཤེས་ཡོན་ལ་བཅིངས་བའི་རེ་སྐུལ།

Elizabeth G. Anderson School

མེ་ཤལ་ཨོ་བྷ་མས་ཤེས་ཡོན་ལ་བཅིངས་བའི་རེ་སྐུལ།
1,252,421 views

མེ་ཤལ་ཨོ་བྷ་མས་ལོན་ཌོན་བུད་མེད་སློབ་གྲྭ་ཞིག་ཏུ་རང་ཉིད་སྒེར་གྱི་དང་དོད་ཆེ་བའི་མི་ཚེའི་གནད་དོན་ཁག་ཅིག་གཞིར་བཞག་སྟེ་སློབ་སྦྱོང་ནན་ཏན་གྱིས་བྱེད་རྒྱུར་རེ་སྐུལ་བྱས་བ་དང་། ཁྱད་དུ་འཕགས་པའི་མི་རབས་གསར་བ་འདིས་འཛམ་གླིང་འདི་ཇི་འདྲ་ཡིན་པ་དང་ཇི་ལྟར་ཡིན་དགོས་པའི་སྟོང་ཆ་དེ་སྐོང་གི་རེད་ཅེས་ཐ་ཚིག་བསྒྲགས།

Siegfried Woldhek  ཏ་ཧྥིན་ཁི(da Vinci)ཡི་ཞལ་རས་ངོ་མ་རྙེད་ཚུལ།

TED2008

Siegfried Woldhek ཏ་ཧྥིན་ཁི(da Vinci)ཡི་ཞལ་རས་ངོ་མ་རྙེད་ཚུལ།
1,343,993 views

མོན་ནཱ་ལི་སཱ་ནི་འཛམ་གླིང་དུ་མིང་དུ་གྲགས་པའི་ཞལ་རས་ཀྱི་ཡ་གྱལ་ཡིན། ཡིན་ནའང་། ཁྱེད་ཀྱིས་བྲིས་རིས་འདི་ཉིད་ཀྱི་བྱེད་པོ་ཏ་ཧྥིན་ཁི(Leonardo da Vinci)ཡི་བྱད་བཞིན་ཇི་འདྲ་ཡིན་མིན་ཤེས་སམ། རི་མོ་བSiegfried Woldhekཡིས་པར་རིས་དབྱེ་ཞིབ་ཀྱི་ལག་རྩལ་སྣ་ཚོགས་ལེགས་པར་སྤྱད་ནས་ཁོང་གི་སེམས་ནང་གི་ཏ་ཧྥིན་ཁི་ཡི་ཞལ་རས་ངོ་མ་དེ་རྙེད་ཡོད།

ལག་ཤི་མི་པ་ར་ཊོར་རི་ཡིས་འཕྲིན་ཡིག་འབྲི་སྲོལ་གི་གླེང་བ།

TED2007

ལག་ཤི་མི་པ་ར་ཊོར་རི་ཡིས་འཕྲིན་ཡིག་འབྲི་སྲོལ་གི་གླེང་བ།
715,735 views

ལག་ཤི་མི་པ་ར་ཊོ་རིས་ད་ལྟ་འབོར་བཞིན་པའི་འཕྲིན་ཡིག་གི་སྒྱུ་རྩལ་དྲན་གོས་བྱས་ཏེ། རང་གི་ཕ་དམ་པ་མ་འཆི་གོང་དུ་རང་ལ་ཟིན་བྲིས་མང་པོ་ཞིག་བྲིས་བའི་སྐོར་གླེང་། ཁོ་མོའི་སེམས་གཏིང་གི་སྙིང་གཏམ་ཐུང་ཐུང་འདིས་ཁྱེད་རང་གིས་སྙུ་གུ་ཤོག་བུར་གཏད་དེ་འཕྲིན་ཡིག་འབྲི་འགོ་འཛུགས་པར་སྐུལ་མའང་ཐེབས་སྲིད།

༄༅། །སཐེཝརྠ་པརནྡ་ཀྱིས་དབུལ་ཁུལ་གྱི་སྐོར་རབ་ཙམ་གླེང་བ།

TED2006

༄༅། །སཐེཝརྠ་པརནྡ་ཀྱིས་དབུལ་ཁུལ་གྱི་སྐོར་རབ་ཙམ་གླེང་བ།
1,098,442 views

གྲོང་གསེབ་ནས་གྲོང་ཁྱེར་ལ་སྤོ་སྒྱུར་བྱེད་མཁན་མང་ནས་མང་དུ་འགྲོ་གི་ཡོད་པས་གྲོང་གསེབ་ནི་བདག་སྐྱོང་མེད་པར་ལུས། གྲོང་ཁྱེར་ལ་ཡོང་མཁན་འདི་ཚོ་མང་ཆེ་བ་དབུལ་ཁུལ་དུ་འཚོ་གནས་བྱེད་ནས་བསྡད། སཐེཝརྠ་པརནྡ་ན་རེ། འདི་ནི་སྣང་ཚུལ་ཡག་པོ་ཞིག་རེད། འདི་ཅི་ཡིན། ་་་་་་ཡ། ད་འོ་ན་ཁོང་གིས་སྐར་མ་གསུམ་གྱི་གསུང་བཤད་ནང་ཁྱེད་ལ་ལན་ཞིག་གདབ་ཆོག